Wednesday, September 21, 2011

sample speech

           ༼༉ སྨན་བཅོས་དང་རིམ་འགྲོ་གཉིས་བཟུང་འབྲེལ་བཞག་དགོ་པའི་སྐོར།།༽
འཇིག་རྟན་པའི་དཔྱེ་གཏམ་ལས་ཡང་ མི་མནོ་རིགས་མི་གཅིག་ བྱ་སྤུ་རིགས་མི་གཅིག་ཟེར་དོ་བཟུམ་ དེང་སང་ ང་བཅས་རའི་རྒྱལ་ཁབ་ཡར་
རྒྱས་ཀྱི་འགྱུར་བ་དང་བསྟུན་ མི་ཚུ་གིས་བསམ་པ་དང་སེམས་བསྐྱེད་འདི་ལུ་ཡང་འགྱུར་བ་སྦོམ་འབད་རང་སོང་འདི་ཡོདཔ་ཀུན་གྱིས་མཁྱེན་ས་
དང་གཟིགས་ས་ཨིན་པས་ཟེར་ཞུ་ནི། དེ་ཡང་ ད་རེས་ནངས་པ་ ང་བཅས་རའི་ལུས་ཤ་ཁྲག་ཕུང་པོ་འདི་ལུ་ མི་མ་ཡིན་པའི་ འདྲེ་ འདོན་
ལ་སོགས་པའི་གནོད་པ་འབྱུང་བའི་སྐབས་ མི་ཚུ་གིས་ཕྱི་སྨན་བཅོས་འབད་ནི་འདི་ལུ་ཤུགས་བཏོན་དོ་ཡོདཔ་མ་གཏོགས་ ནང་པའི་རིམ་འགྲོ་
འབད་ནི་འདི་ལུ་ཆ་གནས་མེདཔ་བཟུམ་མཐོང་མས་ཟེར་ཞུ་ནི། མ་གཞི་ ང་བཅས་རའི་རྒྱལ་ཁབ་འདི་ ཆོས་སྲིད་དང་རྒྱལ་སྲིད་གཉིས་བཟུང་
འབྲེལ་དུ་སྐྱོང་བའི་རྒྱལ་ཁབ་ཅིག་ཨིན་རུང་ འདི་ནང་གནས་ཡོད་པའི་ མི་ཚུ་གིས་སྤྱོད་པ་འདི་ལུ་བལྟ་བ་ཅིན་ ང་བཅས་ག་ར་སེམས་ཕམ་
དང་བློ་ཕམ་འབྱུང་ནིའི་གཞི་ཅིག་ཨིན་པས་ཟེར་ཞུ་ནི།
ཡེས་ཤེས་པའི་མདའ་འདི་རྐྱབ་ས་མི་མཐོང་ཕོག་ས་མཐོང་ ཟེར་དོ་བཟུམ་ མི་མ་ཡིན་པའི་ འདྲེ་ འདོན་ ལ་སོགས་པའི་གནོད་པ་འབྱུང་
བའི་སྐབས་ ནང་པའི་རིམ་འགྲོ་འདི་གི་མ་གཏོགས་ ཕྱི་སྨན་བཅོས་འབད་འདི་རྩ་ལས་དྲག་ཚུགས་པའི་འོད་འབབ་ཅིག་མིན་འདུག་ཟེར་ཞུ་ནི།
འདི་འབད་བ་ལས་བརྟེན་ ང་བཅས་ར་ལཱ་དང་བྱ་བ་་ག་ཅི་རང་འབད་རུང་ མཐུན་རྐྱེན་ཚུ་ཕུན་སུམ་ཚོགས་དགོ་དོ་བཟུམ་ ང་བཅས་རའི་
ལུས་ལུ་སྨྱོང་ནི་ཡོད་པའི་ནཱ་ཚ་འདི་ལུ་ཡང་ སྨན་བཅོས་དང་རིམ་འགྲོ་གཉིས་བཟུང་འབྲེལ་དུ་ལག་ལེན་འཐབ་འདི་ ནད་ཞི་འདི་ལས་དྲག་
ཚུགས་པའི་ཐབས་ཤེས་མཛད་དགོཔ་ཧ་ཀྱང་གལ་ཆེ་བས་ཟེར་ཞུ་ནི།
ད་འཇུག་རང་ དཔེར་ན་ ས་ཁའི་བྱ་འདི་གནམ་ཁར་ཕུར་དགོ་པ་ཅིན་ ཁོ་ལུ་མེད་ཐབས་མེད་པའི་ཤོག་འགྲོ་འདི་དགོ་ཟེར་ཞུ་ནི་ འདི་བཟུམ་འབད་ ང་བཅས་རའི་རྒྱུད་ལུ་ ནད་མུ་འཁྲུགས་རྩོད་ཚུ་ག་ནི་ཡང་མེད་པར་ དགའ་སྐྱིད་འདི་དགོ་པ་ཅིན་ ནང་པའི་རིམ་འགྲོ་འབད་ནི་འདི་ཡང་མེད་ཐབས་
མེདཔ་ཅིག་ཨིན་པས་ཟེར་ནཱ་བུ་ཀུན་གྱི་་མཁྱེན་འདི་ནང་པའི་རིམ་འགྲོ་འབད་ནི་འདི་ལུ་ཡང་ དད་པ་དང་དག་སྣང་ མོས་གུས་དང་བརྩི་བཀུར་
བསྐྱེད་དགོཔ་ག་ནི་ལས་ཁག་ཆེ་བས་ཟེར་ཞུ་ནི་ཨིན།
                                      བཀའ་དྲིན་ཆེ།། །།

No comments: